གངས་ལྗོངས་ལགས་ བདག་ཁྱེད་ལ་དགའ།
གངས་ལྗོངས་ལགས་ བདག་ཁྱེད་ལ་དགའ།
མྱང་སྟོད་གངས་དཀར་སྐལ་བཟང་
ཞོགས་པར་ ང་རང་གཉིས་ལས་བསད་དུས།
མཐའ་བཞིའི་ས་འཛིན་ལྷུན་པོ་གངས་རི་ར་བས་བསྐོར་ཞིང་། ཨ་སྔོན་ནི་སྔོ་ལ་དངས་ཤིང།
རྩ་ཐང་སྟེང་ཕྱུགས་རིགས་འཛོམས་ལ་ཤ་ཤེད་རྒྱས།
ཞིང་ཐང་ཐོག་འབྲུ་རིགས་སྣ་ལྔའི་སྙེ་མའི་མགོ་ལྕོག་ལྡེམ།
ངས་རྟོགས་སོ ངས་ཤེས་སོ།
ང་རང་གོ་ལ་ཧྲིལ་པོའི་ལྟེ་བར་གནས་པ་ཚོར།
ང་རང་ས་གཞི་རིལ་མོའི་ཡང་རྩེར་གནས་པ་རྟོགས།
ང་རང་ང་རང་གི་དགའ་འོས་པའི་ས་གཞིར་གནས་པ་ཤེས།
གངས་ལྗོངས་ལགས་ བདག་ཁྱེད་ལ་དགའ།
ཁྱེད་ལ་འཛམ་གླིང་དུ་སྐད་ཅིང་གྲགས་པའི་གནས་ཤུལ་ཡོད།
བརྗིད་ཆགས་ཀྱི་ཕོ་བྲང་པོ་ཏ་ལ།
ཁྱེད་ལ་ཁྱད་དུ་འཕགས་པའི་རིག་པའི་གཞུང་ལུགས་ཡོད།
བོད་རིགས་པའི་གཞུང།
ཁྱེད་ལ་བྱམས་དང་སྙིང་རྗེས་ཁེངས་པའི་ཆོས་ལུགས་ཡོད།
ནང་པ་སངས་རྒྱས་ཀྱི་ཆོས་ལུགས།
དད་ལྡན་མང་ཚོགས་ཀྱི་ཕྱགས་དང་མཆོད་པ་འབུལ་ཡུལ།
སྙན་གྲགས་ཀུན་དུ་ཆོས་པའི་དགོན་སྡེ་གྲགས་ཅན།
ཚེ་རབས་བསོད་ནམས་བསགས་སའི་གནས་རི་གནས་བཟང།
གངས་རིན་པོ་ཆེས་གཙོས་པའི་གནས་རི་གནས་བཟང་
བཙན་པོའི་དུས་ཀྱི་བང་གསོ་དང་ཕོ་བྲང།
དེ་དག་དང་དེ་དག་གིས་
ཕྱི་གླིང་པ་མང་པོའི་བསམ་འདས་ཀྱི་བློ་ཡུལ་བསྐྱལ།
དེ་དག་དང་དེ་དག་གིས་
ང་ཚོའི་སྤོབས་པ་སྔར་བས་གཟེངས་སུ་གཏོད།
དེ་དག་དང་དེ་དག་གིས་
ང་ཚོའི་འགན་འཁྲི་ཡང་དེ་བས་ལྗི།
གངས་ལྗོངས་ལགས་ བདག་ཁྱེད་ལ་དགའ།
ཁྱེད་ལ་གཞལ་དུ་མེད་པའི་སྲོལ་རྒྱུན་རིག་གནས་དང་
ཁྱེད་ལ་དཔོགས་པར་དཀའ་བའི་ཡུལ་གོམས་གཤིས་ལུགས།
ཁྱེད་ལ་གཞན་དུ་མེད་པའི་བྱམས་སེམས་ཀྱི་སྙིང་རྗེ།
མདོར་ན་ ཡོད་ཚད་དང་ཡོད་ཚད་ཁྱོད་ལ་ཡོད་པར་སེམས།
གངས་ལྗོངས་ལགས་ བདག་ཁྱེད་ལ་དགའ།
ཡུལ་འདིར་གནས་པའི་སྐྱེས་བུ་རྒན་གཞོན་རྣམས་ཀྱིས་ནི།
ཚན་རྩལ་རིག་གནས་འཕེལ་བའི་དུས་རབས་འདིར་
འདྲ་མིན་རིགས་གནས་ཤུགས་རྐྱེན་མང་ན་ཡང།
ཁ་བའི་ལྗོངས་ཀྱི་ཡ་རབས་སྲོལ་བཟང་དག།
འགྱུར་མེད་ས་འཛིན་མཐོན་པོའི་དཔལ་ལ་འགྲན།
ལས་ལ་བརྩོན་ཞིང་གཞུང་དྲང་མི་རིགས་འདིས།
ལ་རྒྱ་སྲུང་ཞིང་ཕུལ་བྱུང་ཤེས་རིགས་བསྐྲུན།
ཡ་རབས་ཚུལ་ལྡན་བོད་མིའི་སྤྱོད་བཟང་དག།
མི་ཉམས་གོང་འཕེལ་ཉམས་པ་གསོར་བཅུད་ཀྱི།
བདག་སྐྱོང་གནང་བར་བདག་རང་ཡིད་རེ་དགའ།
གངས་ལྗོངས་ལགས་ བདག་ཁྱེད་ལ་དགའ༎
མྱང་སྟོད་གངས་དཀར་སྐལ་བཟང་
![]() |